NBF Logo

ང་ཡིས་རང་གི་བདེ་སྐྱིད་རང་གི་འདོད་པ་ཚོད་འཛིན་བྱས་ནས་འཚོལ་རྒྱུ་བསླབས་པ་ཡིན།

ང་ཡི་ཆོས་ལུགས་ནི་བྱམས་པ་དང་སྙིང་རྗེ་ཡིན། - ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག

གལ་ཏེ་དཀའ་ངལ་སེལ་ཐུབ་ན་སེམས་སྡུག་བྱེད་དགོས་དོན་མེད། གལ་ཏེ་སེལ་མི་ཐུབ་ནའང་སེམས་སྡུག་བྱས་པས་ཕན་ཐོགས་མེད།

འདོད་པ་གཏོང་བ་ནི་ང་ཚོའི་ཉིན་རེའི་འཚོ་བའི་ནང་དངོས་གནས་ཀྱི་བདེ་སྐྱིད་དང་བློ་བདེ་པོ་ཡོང་བ་ཡིན།

ཆོས་མེད་པའི་ཚན་རིག་ནི་ལོང་བ་རེད། ཚན་རིག་མེད་པའི་ཆོས་ནི་ཞ་བོ་རེད།

མི་དགེ་བའི་ལས་གང་ཡང་མ་བསགས་ཤིག དགེ་བ་ཕུན་སུམ་ཚོགས་པ་ཁོ་ན་སྒྲུབས་ཤིག རང་གི་སེམས་བཏུལ་བ་འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན།

དངོས་སུ་ཉམས་ལེན་མེད་པའི་སློབ་སྦྱོང་ཙམ་གྱིས་ཕན་ཐོགས་མེད། ཉམས་ལེན་མི་བྱེད་པའི་མཁས་པ་ནི་དྲི་མེད་པའི་མེ་ཏོག་སྣ་ཚོགས་དང་འདྲ།

ང་ཡིས་རང་གི་འདོད་པ་ཉུང་དུ་བཏང་ནས་བདེ་སྐྱིད་འཐོབ་པར་བསླབས་པ་ཡིན།

ཤེས་རབ་མེད་ན་ཐར་པ་མེད། སྙིང་རྗེ་མེད་ན་ཤེས་རབ་མེད།

རང་གི་སྒྲོན་མེ་རང་ཉིད་གྱིས།

རང་ཉིད་ལས་རྒྱལ་བ་ནི་རྒྱལ་བ་ཀུན་གྱི་མཆོག་ཡིན།

མགོན་པའི་ཤེས་རིག་དགེ་རྒན་གསོ་སྐྱོང་བྱེད་འགོ་ཚུགས་པ།

Posted: October 2, 2018

མགོན་པའི་ཤེས་རིག་དགེ་རྒན་གསོ་སྐྱོང་བྱེད་འགོ་ཚུགས་པ།

དེ་རིང་ནས་བཟུང་མགོན་པ་སློབ་གྲྭ་ཁག་ཏུ་སློབ་ཁྲིད་གནང་མཁན་དགེ་རྒན་རྣམས་ལ་ཉིན་བཅུའི་དགེ་རྒན་ཆེད་ལས་ཡར་རྒྱས་ཀྱི་ཟབ་སྦྱོང་ཞིག་ཤེས་ཡོན་སྦྱོང་བརྡར་ལྟེ་གནས་དྷུ་ལི་ཁེལ་དུ་འགོ་འཛུགས་གནང་ཡོད། སྦྱོང་བརྡར་ལས་རིམ་དེ་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྦྱོང་བརྡར་ལྟེ་གནས་གཅིག་པའི་སྦྱོང་བརྡར་སློབ་སྟོན་པ་རྒན་པ་སྐུ་ཞབས་སི་ཏ་རམ་ཀོའི་ར་ལ་མཆོག་གི་སྐུ་མགྲོན་གཙོ་བོར་གནང་ཡོད། དབུ་འབྱེད་ཚོགས་འདུའི་ཐོག་ད་དུང་བལ་ཡུལ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བླ་མ་ཕུ་པུ་ཆེམ་བྷེ་ཤེར་པ་དང་མགོན་པ་དགོན་པའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་ཅཱརྱ་ནུར་བུ་ཤེར་པ་ལགས་དང་།

 

བལ་ཡུལ་གཞུང་གིས་སྲོལ་རྒྱུན་ཆོས་ལུགས་ཀྱི་མགོན་པའི་སློབ་གྲྭ་ཁག་ཤེས་ཡོན་གཙོ་བོའི་ནང་དུ་འཇོག་རྒྱུའི་ཐག་གཅོད་བྱས་རྗེས་བསླབ་གཞི་བཟོ་སྐྲུན་ལྟེ་གནས་ཁང་གིས་འབྲིང་རིམ་(འཛིན་རིམ་དང་པོ་ནས་བཅུ་པ་)བར་གྱི་སློབ་ཚན་འཆར་འགོད་དང་ལག་བསྟར་བྱས་ཡོད། དེ་མིན་མཐོ་རིམ་སློབ་འབྲིང་གི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་ཚན་འབྲི་བའི་ལས་རིམ་དེ་མཐའ་མའི་དུས་རིམ་ལ་སླེབས་ཡོད། མགོན་པའི་སློབ་གྲྭ་ཁག་གི་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་ཆེད་ཤེས་རིག་མི་ཤུགས་འཕེལ་རྒྱས་ལྟེ་གནས་ཀྱིས་ཕྱི་ལོ་ ༢༠༦༧ ནས་བཟུང་ཉིན་བཅུའི་རིང་ཤེས་ཡོན་སྦྱོང་བརྡར་ལྟེ་གནས་སྤེལ་ནས་མགོན་པའི་སློབ་ཁྲིད་གནང་མཁན་དགེ་རྒན་གྱི་སློབ་ཁྲིད་ནུས་པ་དང་ཆེད་ལས་ཆུ་ཚད་མཐོར་འདེགས་སུ་བཏང་ཡོད།

ཉིན་ལྟར་ཚོགས་ཐུན་གསུམ་དུ་སྤེལ་རྒྱུའི་སྦྱོང་བརྡར་ནང་སློབ་ཚན་གྱི་ཆེད་མཁས་པ་ཚོས་བྷོ་ཊའི་སྐད་ཡིག་ཀློག་རྩལ་དང་འབྲི་རྩལ་དང་ཉན་ཐོས་དང་སྐད་ཆའི་རྩལ་ནུས་དང་། འདས་པའི་རེས་གཟའ་པ་སངས་ནས་བཟུང་དྷུ་ལི་ཁེལ་ཤེས་རིག་སྦྱོང་བརྡར་ལྟེ་གནས་ཁང་གིས་གོ་སྒྲིག་འོག་ཤེས་ཡོན་མི་སྣ་འཕེལ་རྒྱས་ལྟེ་གནས་ཁང་དུ་དགོན་སྡེ་ཁག་ཏུ་སློབ་ཁྲིད་གནང་མཁན་དགེ་རྒན་རྣམས་ལ་ཉིན་བཅུའི་རིང་ཆེད་ལས་གོང་འཕེལ་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད།

Gallery